本书是一本藏文语法类读物。全书以藏文文法的奠基之作《藏文文法三十颂》和《音势论》为蓝本,在遵循传统藏文文法规则的基础上,通过吸收继承其他藏文语言学家的学术成果,对藏文文法理论研究成果进行了整理和阐释。主要内容包括介绍藏文的基础拼写结构、分析语格助词及其他各类介词的用法、动词的形态变化等。另外,作者对以往的其他文法书籍中所持的主张和内容进行了比照剖析,提出了自己的学术观点,并在每个章节后面介绍了与各章节内容有关联的学术研究论文。该书对藏文研究者和藏文教学工作者具有一定的参考和学习价值。
出版者:甘肃民族出版社
ISBN:978-7-5421-5412-5
定价:58.00元
ཡོངས་གྲགས་ལྟར་ན་བརྡ་སྤྲོད་རིག་གཞུང་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང་ལོ་ཙཱ་བ་ཐུ་མི་སམ་བྷོ་ཊས་རྒྱ་གར་འཕགས་པའི་ཡུལ་གྱི་སྒྲ་མདོ་ཆེན་པོ་བརྒྱད་དང་གྲངས་ངེས་པའི་སྒོ་ནས་བརྡ་སྤྲོད་པའི་བསྟན་བཅོས་སྐབས་བརྒྱད་ཀྱི་བདག་ཉིད་ཅན་དེ་དག་མཛད་ཀྱང་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ནི་བརྡ་སྤྲོད་པའི་གཞུང་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མེད་པར་གྲགས། གཞུང་དེ་གཉིས་ཀྱིས་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་དུས་ཡུན་ནང་བོད་ཀྱི་ཆབ་སྲིད་དང་། ཆོས་ལུགས། རིག་གནས་སོགས་ཕྱོགས་གང་སར་གཞལ་བར་དཀའ་བའི་ནུས་པ་ཐོན་ཡོད་པ་ནི་སྐྱེ་བོ་སུ་ཞིག་གིས་ཀྱང་བསྙོན་དུ་མེད། དེས་ན་གནའ་ནས་ད་བར་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སུམ་རྟགས་གཉིས་ལ་རང་རེའི་མཁས་པ་མང་པོས་འབྲུ་འགྲེལ་དང་དོན་འགྲེལ། སྤྱི་དོན་དང་མཐའ་དཔྱོད། ཁ་སྐོང་དང་ལྷན་ཐབས་སོགས་མང་དུ་མཛད་པས་དེའི་ཐད་ཀྱི་བསྟན་བཅོས་ནམ་མཁའི་སྐར་ཚོགས་ལ་འགྲན་བཞིན་མཆིས། དེ་དག་གི་ཁྲོད་ནས་མཁས་པའི་དབང་པོ་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་སི་ཏུའི་ཞལ་ལུང་ནི་རྒྱས་བསྡུས་འཚམས་ལ། དོན་གྱི་གནད་འདྲིལ་བ། ལྷག་པར་དུ་བོད་སྐད་ཡིག་ཆེད་སྦྱོང་གི་བསླབ་གཞིར་བེད་སྤྱད་ན་ཤིན་ཏུ་ལེགས་པའི་ཁྱད་ཆོས་ལྡན་པས། སྔ་ནས་ད་བར་བསླབ་གཞིར་སྤྱོད་མཁན་ཡང་མི་ཉུང་ཞིག་བྱུང་དང་འབྱུང་བཞིན་ཡོད། སྤྱིར་བསྟན་བཅོས་འདིར་འགྲེལ་པ་འགྲེལ་བཤད་བྱས་ཏེ་སྣག་ཤོག་གི་ཕུང་པོ་སྤུངས་པའི་དགོས་པ་མ་མཆིས་ཀྱང་། རང་ཉིད་ཀྱི་ཡིད་ལ་གོམས་ཕྱིར་དང་། ལྷག་དོན་རང་དང་རང་འདྲ་བའི་བསྐལ་མཉམ་གཞན་ལ་ཕན་རེ་སྙམ་པའི་ཀུན་སློང་བཟང་པོས་བསྐུལ་ཏེ་སུམ་རྟགས་ཀྱི་རྣམ་བཤད་སི་ཏུའི་ཞལ་ལུང་ལ་འཇུག་པའི་སྒོ་ཞེས་པ་འདི་འབྲི་ཁུལ་བགྱིས་པ་ལགས། དཔྱད་དེབ་འདིར་གཙོ་བོ་ལེའུ་ཆེ་བ་གསུམ་སྟེ། ལེའུ་དང་པོར་བཤད་བྱའི་བསྟན་བཅོས་ཀྱི་སྔོན་འགྲོ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་དར་འཕེལ་བཤད་པ་དང་། ལེའུ་གཉིས་པར་བཤད་བྱའི་བསྟན་བཅོས་ཀྱི་མཛད་པ་པོའི་ཆེ་བ་བརྗོད་པ། ལེའུ་གསུམ་པར་བཤད་བྱའི་བསྟན་བཅོས་ཀྱི་གཞུང་དོན་དངོས་བཤད་པའོ། །དེབ་ཆུང་འདིའི་ས་བཅད་སྒྲིག་སྟངས་ཀྱི་ཐད་གཙོ་བོ་རིགས་གསུམ་དུ་བསྡུ་བར་སེམས་ཏེ། གཞུང་དོན་སོ་སོའི་རྩ་འགྲེལ་འཆད་པ་དང་། སི་ཏུའི་ཞལ་ལུང་གི་དགོངས་པ་འགྲེལ་བ། འགྲེལ་བྱེད་མཁན་པོ་གཞན་གྱི་དགོངས་པས་ཟུར་བརྒྱན་པ་བཅས་ཡིན་ལ།
རྩ་བའི་འགྲེལ་པ་ཡང་གཙོ་བོ་སི་ཏུའི་ཞལ་ལུང་གི་དགོངས་དོན་ཇི་བཞིན་དུ་འགྲེལ་པ་དང་། དགོངས་འགྲེལ་བཤད་པའི་སྐབས་གཙོ་བོ་དྲི་བ་དྲིས་ལན་གྱི་རྣམ་པས་གང་སྐབས་སུ་བབས་པའི་བརྗོད་བྱ་དག་གསལ་བར་བཤད་ནས་སློབ་ཁྲིད་ཀྱི་སྐབས་སུ་རྩ་ཆེའི་རྒྱུ་ཆ་མཁོ་འདོན་བྱས་པར་སེམས་ལ། ཟུར་བརྒྱན་གྱི་སྐབས་སུ་གཙོ་བོ་པྲ་ཏི་དགེ་བཤེས་དང་སི་ཏུ་པཎ་ཆེན་རྣམས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་ཆེན་རྣམ་གཉིས་ཀྱི་དགོངས་པ་སོགས་དང་། དེང་གི་ཞིབ་འཇུག་པའི་དཔྱད་རྩོམ་ཀྱི་དགོངས་པ་ཇི་བཞིན་དུ་བཀོད་དེ། ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་ཞུས་ཡོད། འོན་ཀྱང་འདིར་བྱས་རྣམས་ལ་ད་དུང་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་གནད་ཡོད་ངེས་པས་གཟུར་གནས་མཁས་དབང་རྣམས་ཀྱིས་དགོངས་འཁྲོལ་ཡོད་པ་ཞུའོ། །
发表评论